དཔལ་མགོན།སྤྱི་ལོ་༡༩༤༨ལོར་ཀན་ལྷོ་རྨ་ཆུ་རུ་སྐྱེས།བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་མཁན་པོ་རུ་འབོད།༡༩༧༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་རྨ་ཆུ་རྫོང་མི་དམངས་སྨན་ཁང་གི་འགོ་གཙོ་དང་རྫོང་སྲིད་ཨུའི་ཨུ་ཡོན་གྱི་འགན་ཁུར་མྱོང་།
མིང་།དཔལ་མགོན།
མི་རིགས།བོད་རིགས།
སྐྱེས་ཡུལ།ཀན་ལྷོ་རྨ་ཆུ།
སྐྱེས་ལོ། ༡༩༤༨ལོ།
ཆེད་ལས།ཕྱི་ལུགས་གཙོ་བཅོས་སྨན་པ།
- 华尔贡 (1948年- ),藏族,玛曲县尼玛乡人,大专文化。
- 外科主治医师;藏区著名弹唱艺人。
- 1970年西北民院医务科毕业后分配玛曲县采日玛卫生院工作,1974年后历任县人民医院副院长、院长、县政协委员等职。
- 中文名:华尔贡
- 民族:藏族
- 出生地:玛曲县尼玛乡
- 出生日期:1948年
- 职业:外科主治医师
- 毕业院校:西北民院医务科
- 学历:大专
ཁོང་གིས་བྱ་བའི་ལས་ཞོར་ནས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་ལ་ཧུར་ཐག་འབད་ཐག་གིས་སློབ་སྦྱོང་དང་ཞིབ་འཇུགས།འཚོལ་བསྡུ་སོགས་བྱས་ཤིང་།ལོ་རབས་བདུན་ཅུའི་དུས་མགོར། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་རིག་རྩལ་སྤྲོ་ཚོགས་སྣ་ཚོགས་ཁྲོད་ཞུགས་ཏེ་སྙན་པའི་གྲགས་པ་རྒྱས་མགོ་ཚུགས་ཤིང་། ཁོ་རང་རྒྱུན་དུ་འབྲོག་ཁུལ་དུ་སྨན་བཅོས་བྱེད་པར་ཕེབས་པའི་ཞོར་ལ། དམངས་ཁྲོད་ཀྱི་མི་རིགས་སྒྱུ་རྩལ་འཚོལ་སྡུད་ལེགས་སྒྲིག་དང་། མུ་མཐུད་འཐུས་ཚང་གོང་འཕེལ་བཏང་བས། བོད་ཀྱི་གནའ་བོའི་རྡུང་ལེན་སྒྱུ་རྩལ་ལ་གསོན་ཤུགས་གསར་བ་རྒྱས་པར་བྱས། ༡༩༨༡ལོའི་ཀན་ལྷོ་ཁུལ་གྱི་རིག་འཐུས་ཚོགས་འདུའི་སྟེང་གསར་གཏོད་བྱ་དགའ་ཨང་དང་བོ་དང་། དཀྲོལ་ལེན་བྱ་དགའ་ཨང་གཉིས་པ་ཐོབ། རིམ་གྱིས། ཁོ་རང་ཉིད་ཀྱིས་གསར་གཏོད་དཀྲོལ་ལེན་བྱས་པའི་བོད་ཀྱི་རྡུང་ལེན་སྣ་ཚོགས། ཀན་ལྷོ་ཁུལ་རླུང་འཕྲིན་ཁང་དང་། ཀྲུང་དབྱང་གིས་ལྷ་སར་གཞི་བཅས་རྒྱལ་སྤྱི་རླུང་འཕྲིན་ཁང་། གཞན་ཡང་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན། ཡུན་ནན། ནང་སོག་སོགས་ཀྱི་ཀུན་ཁྱབ་རླུང་འཕྲིན་ཁང་སོ་སོས་བསྒྲགས་གཏོང་བྱས་པས། རྒྱལ་ཡོངས་སུ་སྙན་པའི་གྲགས་པའི་ཡོ་ལང་རྒྱས། མ་འགྱངས་པར། ཁོས་སྤྱི་བསྒྲགས་འགྲེམ་སྤེལ་བྱས་པའི་དཔལ་མགོན་རྡུང་ལེན་ཆེད་བསྒྲིགས་སྒྲ་ཐག་གཉིས་དང་། ཁོ་རང་གཙོ་བྱས་པའི་དམངས་ཁྲོད་རྡུང་ལེན་སྒྲ་ཐག་བཞི་བཅས་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས་པས། བོད་ཁུལ་ཡོངས་སུ་གྲགས་པའི་གཟི་འོད་རབ་ཏུ་འབར་བར་མ་ཟད། རྒྱ་གར་དང་བལ་བོ། ཁ་ན་ཊ། ཞང་ཀང་། ཐའེ་ཝན་སོགས་སུ་ཁྱབ་ནས། རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླའི་དགའ་བསུ་ཆེན་པོ་ཐོབ། དེ་དང་མཉམ་དུ་བདུད་བྷེ་ལ་སོགས་པའི་ཕུལ་བྱུང་རྡུང་ལེན་པ་སྐོར་ཞིག་སྐྱེད་སྲིང་བྱས་ཞིང་། མདོ་དབུས་ཁམས་གསུམ་གྱི་རྡུང་ལེན་སྒྱུ་རྩལ་ལ་འཕེལ་རྒྱས་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན།
- 他在搞好本职工作之余,酷爱藏族弹唱艺术,在70年代初参加甘南州文艺汇演和甘肃省文艺汇演中,崭露头角,并在长期深入牧民畜群点帐圈行医的过程中,搜集整理大量的民族艺术,加以不断地完善升华,使藏族古老的弹唱艺术喷发新的活力。1981年在甘南州文代会上获创一等奖,演唱二等奖。之后,他自己创作并演唱的民族弹唱歌曲,相继在甘南州广播电台、中央驻拉萨国际广播电台,甘青、川、云南、内蒙等广播电台播放,在全国藏区引起轰动。
- 不久,他公开发行的两盘磁带《华尔贡弹唱专辑》和四盘以他为主的藏语民间弹唱磁带,风靡藏区,一度流传到印度、泥泊尔、加拿大、香港、台湾等地,受到海外藏族侨胞的喜爱。
- 同时培养出德白等一批优秀弹唱人才,很大程度上推动发展了甘、青、川藏区的民族弹唱艺术。
No comments:
Post a Comment