སྒྲོན་པེ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་། ལོ་ན་ཆུང་དུས་ནས་གླུ་གར་སྒྱུ་རྩལ་གྱི་རིགས་ལ་མོས་འདུན་ཤིན་ཏུ་ཆེ་སྟེ། འཚར་ལོངས་འབྱུང་སའི་ཁོར་ཡུག་གི་ཤན་ཤུགས་ཟབ་མོས་མོའི་དགའ་ཕྱོགས་ཀྱང་དྲོད་ཁོལ་དང་དྲི་མ་མ་ཡལ་བའི་དམངས་ཁྲོད་གླུ་གཞས་ཀྱི་ཕྱོགས་སུ་དྲངས་པ་དང་། ཆེད་ལས་ཀྱི་སྦྱོང་བརྡར་གང་ཡང་མེད་པའི་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་རྒྱ་ཆེའི་ཉན་མཁན་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ།
ཁོ་མོ་སྤྱི་ལོ༡༩༩༨ལོར་ཕུལ་བྱུང་རྒྱུགས་འབྲས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་སློབ་མཐར་ཕྱིན་ཞིང་ཁྱུང་མཆུ་རྫོང་བོད་སྨན་ཁང་དུ་ལས་བགོས་བྱས། ༢༠༠༣ལོར་འབྲོང་གི་ཕ་ས་ཞེས་པའི་འོད་སྡེར་འགྲེམས་སྤེལ་བྱས་པ་བརྒྱུད་སྒྱུ་རྩལ་གྱི་ལམ་སྣེ་རྡོག་པས་ཟིན་ཙམ་བྱུང་ལ། དེ་ནས་བཟུང་རང་གི་འབད་འབུངས་དང་རྒྱུན་འཁྱོངས་ཀྱི་དབང་གིས་གླུ་དབྱངས་སྒྱུ་རྩལ་ལ་སྦྱང་བརྩོན་དང་འཚོལ་རྟོག་གི་ལམ་བུ་སྔར་ལས་ཁོད་ཡངས་སུ་གྱུར། ༢༠༠༤ལོར་ཁྲི་འདུ་ཀྲུང་ལུགས་གསོ་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་མུ་མཐུད་དུ་ལོ་ངོ་བཅུ་ཡས་མས་ལ་སྨན་པའི་ལས་ཀ་གཉེར་ལ། ༢༠༠༤ལོའི་མཚོ་སྔོན་རླུང་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ཞུགས་རྗེས་ནས་མདོ་དབུས་ཁམས་གསུམ་གྱི་ལོ་སར་དགོང་ཚོགས་དང་རིག་རྩལ་སྤྲོ་ཚོགས་གང་མང་ལ་ཞུགས་ཤིང་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་དག་ལ་བག་ཆགས་ཟབ་མོ་བཞག
༢༠༠༥ལོའི་ཟླ༨པར་གསེར་རྟའི་གེ་སར་ཟློས་གར་ཚོགས་པ་དང་མཉམ་དུ་པོ་ལན་རྒྱལ་ཁབ་ལ་འཁྲབ་སྟོན་དུ་སོང་ནས་ཐེངས་ཉེར་བདུན་པའི་རྒྱལ་སྤྱིའི་དེའུ་འབུར་དུས་ཆེན་ཐོག་དམངས་གླུ་འགྲན་ཞུགས་ལས་གསེར་གྱི་རྟགས་མ་ཐོབ། ༢༠༠༦ལོར་ཨ་ཅེ་འབྲོག་མོ་ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་འགྲེམས་སྤེལ་བྱས། ༢༠༠༧ལོར་ཀྲུང་གོའི་ན་གཞོན་གླུ་བའི་འགྲན་ཚོགས་སྐབས་སི་ཁྲོན་ས་ཁུལ་གྱི་དམངས་གླུ་ཚོགས་ཁག་ནས་ཨང་གཉིས་པའི་མིང་རྟགས་ཐོབ་པ་མ་ཟད། ལོ་དེར་དབྱིན་ཇི་རྒྱལ་ཁབ་ལ་འཁྲབ་སྟོན་དུ་ཕྱིན་པར་ཡུལ་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
༢༠༠༩ལོར་བོད་ཀྱི་སྲོལ་རྒྱུན་དམངས་གླུ་དང་དེང་རབས་གླུ་དབྱངས་ཀྱི་གྲུབ་ཆ་ཟུང་སྦྲེལ་བྱས་པའི་ཆེད་སྒྲིག་བརྙན་འཁོར་གཉིས་པ་གསེར་གྱི་སྐར་ཚོམ་ཞེས་པ་འགྲེམས་སྤེལ་བྱས་ཤིང་། བརྙན་འཁོར་འདི་ལས་གླུ་གཞས་བླ་འབོད་ཞེས་པར་སྐབས་བཅོ་ལྔ་བའི་ལྗོངས་ཞིང་ལྔའི་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་གྱི་དཔྱད་བསྡུར་ཁྲོད་བརྙན་འཕྲིན་རིག་རྩལ་སྐོར་གྱི་ཨང་དང་པོའི་བྱ་དགའ་ཐོབ། ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་སྒྱུ་རྩལ་རིག་གནས་ལ་དུངས་ཞེན་ཟབ་མོ་ཞིག་ལྡན་པ་མ་ཟད་དུས་རབས་གསར་བའི་དཔུང་སྡེ་རུ་སྙེག་འདོད་ཀྱི་བསམ་པ་ཡང་ནམ་ཡང་འདོར་མྱོང་མེད། 
༢༠༡༠ལོར་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པར་རྒྱུགས་སྤྲད་ལ་རྒྱུགས་འབྲས་ཕུལ་བྱུང་གིས་ལས་ཁུངས་དེའི་ལས་སྒྲུབ་པར་གྱུར། བརྩོན་སེམས་ཆེ་བའི་ཁོ་མོས་རང་གི་མདོ་འཛིན་པའི་ཤེས་བྱ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་ཕྱིར་ལོ་དེར་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ནས་སློབ་གཉེར་བྱས་པས་༢༠༡༣ལོར་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་མདོ་འཛིན་པ་དང་རྩོམ་སྒྲིག་པའི་ལས་ཀ་ཅི་ལྕོགས་ཀྱིས་གཉེར་ཞོར་དུ་རང་གི་སྒྱུ་རྩལ་གྱི་ལམ་བུའི་ཁྲོད་དུ་འཚོལ་རྟོག་དང་གསར་གཏོད་ཀྱི་ལས་དོན་ལྷུར་ལེན་བགྱི་མུས་སུ་ཡོད།
སྒྲོན་པེ།
仲白
仲白,这个出生在四川红原大草原的女儿,从来没有接受过任何专门声乐训练,完全用与生俱来的天籁般的歌声,甜美的笑容征服观众的心。
中 文 名:仲白
出 生 地:四川
职 业:歌手
毕业院校:四川省藏文中等专业学校
1998年她于优越的成绩毕业于四川省藏文中等专业学校,当年被分配到红原县藏医院。2004年她在成都中医学院拿到大学文凭后,到原单位继续干起了她的医生工作。2007年12月15日,青海电视台藏语频道2007年藏历火猪年晚会录制现场记者有幸采访到了第三次来到青海参加藏历年晚会的她。
《阿佳卓姆》是仲白的首张专辑,相信大家都见过这张专辑,这张专辑花了两年多时间在各个藏区采集的民间音乐为主的新歌专辑,仲白说:"其中《阿佳卓姆》《心中的王子》等无论在它的歌词还是旋律上我非常满意。希望喜欢听我唱歌的朋友们也好,以前听过我的歌的或没有听过的朋友都能够喜欢,也希望能够给大家带来一点点的欢乐。
来自草原深处的她,自内而外便散发着一种阳光般的温暖气质,如同白云在蓝天上浮动。她的歌声魅力来自一颗纯净的心灵。这样的歌声里所承载的情感厚重而富有深厚的生活底蕴,更有一种叫天地动容的力量。衷心希望仲白用自己如天籁般的歌声,表达草原儿女渴望腾飞的美好愿望。
No comments:
Post a Comment